“ས་ཕྱོགས་གང་དུ་ཆས་ཀ”是一句歌词,这句歌词出自歌曲《心之韵(Feat.谢旦/拉吉/罗赛)》,演唱者是歌手勒毛措。
这首歌发行于2017-12-30,收录于勒毛措的专辑“勒毛措精选集”中。
这首歌的完整歌词和专辑介绍如下:
心之韵 - 勒毛措/谢旦/拉吉/罗赛
སེམས་ཀྱི་མཆོད་དབྱངས།
ཚིག འབྲུག་ལྷ་རྒྱལ།
དབྱངས། བློ་གསལ།
གཞས་གཏོང་མཁན། ཤེར་བསྟན། བློ་གསལ། ཀླུ་མོ་མཚོ། ལྷ་སྐྱིད།
ཀླུ་མོ་མཚོ།། ཚེ་རབས་འོད་ཀྱི་ཕྲེང་བ་གངས་ལ་བརྒྱུས་ཡོད།
ཐོག་མའི་ལྟེ་ཁྲག་དམང་པོ་སྤང་ལ་འཐིམ་ཡོད།
ཤེར་བསྟན།། སྙིང་གི་དམ་བཅའ་བརྟན་པོ་བྲག་ལ་བྲིས་ཡོད།
ངག་གི་སྨོན་ལམ་དག་མོ་ཁྱེད་ལ་བཏབ་ཡོད།
ལྷ་སྐྱིད།། སེམས་ཁོང་དཀྱིལ་ནས་མཆེད་པའི་གླུ་གཞས་སྙན་མོ།
མི་ཟས་ཡུན་རིང་ཟོས་པའི་རིན་དོད་མིན་རུང་།
ཕ་ས་ཕ་ཡུལ་མཆོད་པའི་དབྱངས་རྟ་ཡིན་ཆོག
བློ་གསལ།། གནས་ཡུལ་གང་དུ་བསྡད་ཀྱང་རུང་།
ས་ཕྱོགས་གང་དུ་ཆས་ཀྱང་རུང་།
ང་ཡི་ཡིད་སེམས་ཁྱེད་ལ་གཏད་ནས་ཡོད།
ཕོ།། ཕ་ས་ཕ་ཡུལ། ང་ཡི་གངས་ལྗོངས་ཕྱུག་མོ།
མོ།། སེམས་ཀྱི་མཆོད་དབྱངས་འདི་ཁྱེད་ལ་ཕུལ་ཡོད།
ང་ཡི་གངས་ལྗོངས་ཕྱུག་མོ། ཕ་ས་ཕ་ཡུལ།
ལྷ་སྐྱིད།། ལས་ཀྱི་བསོད་ནམས་ཆོས་ལྡན་ཞིང་ལ་བཅོལ་ཡོད།
དད་པའི་རྩེ་མོ་རྣམ་དཀར་ལས་ལ་ཟུག་ཡོད།
བློ་གསལ།། འཚར་བའི་ལང་ཚོ་ཆོལ་གསུམ་ཡུལ་ལ་ཕུལ་ཡོད།
མཐའ་མིའི་རུས་གོང་གངས་རིས་ལྗོངས་ལ་དབང་ཡོད།
ཀླུ་མོ་མཚོ།། སེམས་ཁོང་དཀྱིལ་ནས་མཆེད་པའི་གླུ་གཞས་སྙན་མོ།
མི་ཟས་ཡུན་རིང་ཟོས་པའི་རིན་དོད་མིན་རུང་།
ཕ་ས་ཕ་ཡུལ་མཆོད་པའི་དབྱངས་རྟ་ཡིན་ཆོག
ཤེར་བསྟན།། གནས་ཡུལ་གང་དུ་བསྡད་ཀྱང་རུང་།
ས་ཕྱོགས་གང་དུ་ཆས་ཀྱང་རུང་།
ང་ཡི་ཡིད་སེམས་ཁྱེད་ལ་གཏད་ནས་ཡོད།
ཕོ།། ཕ་ས་ཕ་ཡུལ། ང་ཡི་གངས་ལྗོངས་ཕྱུག་མོ།
མོ།། སེམས་ཀྱི་མཆོད་དབྱངས་འདི་ཁྱེད་ལ་ཕུལ་ཡོད།
ང་ཡི་གངས་ལྗོངས་ཕྱུག་མོ། ཕ་ས་ཕ་ཡུལ།
ཕོ།། གནས་ཡུལ་གང་དུ་བསྡད་ཀྱང་རུང་།
ས་ཕྱོགས་གང་དུ་ཆས་ཀྱང་རུང་།
ང་ཡི་ཡིད་སེམས་ཁྱེད་ལ་གཏད་ནས་ཡོད།
ཕ་ས་ཕ་ཡུལ། ང་ཡི་གངས་ལྗོངས་ཕྱུག་མོ།
སྤྱི།། སེམས་ཀྱི་མཆོད་དབྱངས་འདི་ཁྱེད་ལ་ཕུལ་ཡོད།
ང་ཡི་གངས་ལྗོངས་ཕྱུག་མོ། ཕ་ས་ཕ་ཡུལ།
勒毛措 专辑 勒毛措精选集 中 心之韵(Feat.谢旦/拉吉/罗赛)歌词创作表达的意思
勒毛措,来自青海的安多优秀藏族女歌手。此专辑由西藏音乐网整理发布勒毛措经典音乐精选集。